下载此文档

四年级布达拉宫教案.doc


文档分类:幼儿/小学教育 | 页数:约8页 举报非法文档有奖
1/8
下载提示
  • 1.该资料是网友上传的,本站提供全文预览,预览什么样,下载就什么样。
  • 2.下载该文档所得收入归上传者、原创者。
  • 3.下载的文档,不会出现我们的网址水印。
1/8 下载此文档
文档列表 文档介绍
སློབ་ཚན་བཅུ་བཞི་པ།ཕོ་བྲང་པོ་ཏ་ལ།
གཅིགཤེས་བྱ་དང་ནུས་རྩལ།
་ཚན་དེ་ཁྲིད་སྐབས་ཐོག་མར་ཕོ་བྲང་པོ་ཏ་ལ་ནི་བོད་ཀྱི་འཛུགས་སྐྲུན་བཀོད་པའི་ནང་ནས་ཉིང་བཅུད་ཞིག་དང་།འཛམ་གླིང་རིག་དངོས་ཁྲོད་ཀྱི་རྩ་ཆེའི་ནོར་བུ་ཞིག་ཡིན་པ་རྟོགས་སུ་བཅུག་རྒྱུ།
་ཚན་གྱི་ནང་དོན་དང་འབྲེལ་ནས་ཕོ་བྲང་པོ་ཏ་ལའི་འབྲེལ་ཡོད་ཀྱི་ལོ་རྒྱུས་རགས་ཙམ་ངོ་སྤྲོད་བྱ་རྒྱུ་
དང་།གསལ་བཤད་རྩོམ་ཡིག་གི་གསལ་བཤད་བྱ་ཐབས་གང་དག་སྤྱད་ཡོད་མེད་གསལ་པོར་རྟོགས་སུ་
འཇུག་དགོས།
གཉིས།བརྒྱུད་རིམ་དང་ཐབས་ཤེས།
་ཚན་དེ་ཁྲིད་སྐབས་ཐོག་མར་ཕོ་བྲང་པོ་ཏ་ལ་དང་འབྲེལ་ཡོད་ཀྱི་ལོ་རྒྱུས་རགས་ཙམ་སློབ་མར་ངོ་སྤྲོད་
བྱས་ཏེ།ཕོ་བྲང་པོ་ཏ་ལ་ནི་ལོ་རྒྱུས་ཀྱི་གནས་བབས་ཇི་འདྲ་ཞིག་གི་འོག་ཏུ་གསར་བཞེངས་དང་རྒྱ་བསྐྱེད་
བྱས་པ་དང་།དེ་ཚོའི་དགོས་པ་དང་ཕན་ཡོན་ཅི་བྱུང་བ་སློབ་མར་རྟོགས་སུ་འཇུག་རྒྱུ།
་ཚན་བསླབ་ཁྲིད་བྱེད་སྐབས་སློབ་ཚན་གྱི་ནང་དོན་དང་བཤད་ཁྲིད་བྱེད་པ་དང་སྦྲགས་རྩོམ་སྟངས་ཁྱད་ཆོས་ཐད་ནས་འཁྲིད་ཟིན་པའི་གསལ་བཤད་རྩོམ་ཡིག་གི་གསལ་བཤད་བྱ་ཐབས་དང་གསལ་བཤད་བྱེད་
པའི་གོ་རིམ་སོགས་ལ་དབྱེ་ཞིབ་བྱ་རྒྱུ།
གསུམ།ཚོར་འདུའི་རྣམ་འགྱུར་དང་རིན་ཐང་གི་ལྟ་བ།
སློབ་ཚན་དེ་ནི་ལོ་རྒྱུས་དང་འབྲེལ་ནས་ཕོ་བྲང་པོ་ཏ་ལ་ངོ་སྤྲོད་བྱས་པའི་གསལ་བཤད་རྩོམ་ཡིག་ཡིན་པས་ནང་དོན་ཆ་ནས་སློབ་མས་བོད་ཀྱི་ལོ་རྒྱུས་ཤེས་བྱ་ཅུང་རྟོགས་ཐུབ་པ་དང་དེ་བཞིན་མི་རིགས་མཐུན་སྒྲིལ་དང་མེས་རྒྱལ་དང་རང་མི་རིགས་ཀྱི་རིག་གནས་ལ་དགའ་བའི་སེམས་པ་བཅངས་ཐུབ་པ།རྩོམ་སྟངས་ཆ་ནས་
སློབ་མས་གསལ་བཤད་རྩོམ་ཡིག་གི་འབྲི་སྟངས་ལ་དོ་སྣང་བྱེད་ཐུབ་པ་སོགས་ཀྱི་ཁྱད་ཆོས་ཡོད་པས་སློབ་ཚན་
འདི་བསླབ་ཁྲིད་བྱེད་པར་གལ་ཆེའི་རང་བཞིན་ལྡན་ཡོད།
བཞི།བསླབ་ཁྲིད་ཀྱི་གཙོ་གནད་དང་དཀའ་གནད།

四年级布达拉宫教案 来自淘豆网m.daumloan.com转载请标明出处.

相关文档 更多>>
非法内容举报中心
文档信息
  • 页数8
  • 收藏数0 收藏
  • 顶次数0
  • 上传人xunlai783
  • 文件大小49 KB
  • 时间2018-06-17
最近更新