༄༅།།ལྗོངས་ཞིང་ལྔའི་མཉམ་བསྒྲིགས་སློབ་གཞི། འགན་བབས་སློབ་གསོའི་བསླབ་ཚན་གྱི་ཚད་གཞིའི་ཚོད་ལྟའི་སློབ་དེབ། གྲངས་རིགས་ལོ་རིམ་ལྔ་པའི་སྨད་ཆ། སྤོང་རོང་ཤང་ལྟེ་བའི་སློབ་ཆུང་། ཆོས་སྒྲོན།
སྡེ་ཚན་གསུམ་པ།
གྲུ་བཞི་ནར་གཟུགས་དང་གྲུ་བཞི་ཁ་གང་གཟུགས།
གཅིགགྲུ་བཞི་ནར་གཟུགས་དང་གྲུ་བཞི་ཁ་གང་གཟུགས་ངོས་འཛིན་པ།
༡གྲུ་བཞི་ནར་གཟུགས་ངོས་འཛིན་པ།
གཅིགབསྐྱར་སྦྱོང་བྱེད་པ།
དྲི་བ།སློབ་མ་ཚོ་ཁྱེད་ཚོའི་བསམ་བློ་ཐོངས་དང་།སྔོན་ང་ཚོའི་གྲུ་བཞི་ནར་གཟུགས་དང་
འདྲ་བར་ཅི་ཞིག་སྦྱངས་མྱོང་།
དེ་མིན་ད་དུང་གྲུ་བཞི་ནར་དབྱིབས་ཀྱི་མཐའ་འཁོར་རིང་ཚད་ནི།གུག་རྟགས་ཀྱིས་སྲིད་གཉིས་པོ་དང་ཞེང་གཉིས་པོའི་སྡོམ་ལ་གཉིས་ཀྱི་བསྒྱུར་བ་དང་མཚུངས།
ཡིག་འབྲུས་མཚོན་ན།c=2(a+b)
རྒྱ་ཁྱོན་ནི།སྲིད་དང་ཞེང་གི་བསགས།
ཡིག་འབྲུས་མཚོན་ན s=ab བཅས་སྦྱང་མྱོང་བ།
གཉིས།གསར་འདྲེན།
དྲི་བ།ཅི་ཞིག་ལ་གྲུ་བཞི་ནར་དབྱིབས་ཟེར།
ལནཟུར་གཅིག་དྲང་ཟུར་ཡིན་པའི་མཉམ་འགྲོ་མཐའ་བཞི་དབྱིབས་ལ་གྲུ་བཞི་ནར་དབྱིབས་ཟེར།
གསུམ།ཤེས་བྱ་གསར་བ།
༡གྲུ་བཞི་ནར་གཟུགས་ངོས་འཛིན་པ།
གྲུ་བཞི་ནར་གཟུགས་ཀྱི་གོ་དོན་ནི།
གྲུ་བཞི་ནར་གཟུགས་ནི་གྲུ་བཞི་ནར་དབྱིབས་ 6 གིས་གྲུབ་པའི་ལངས་གཟུགས་རིས་དབྱིབས་ཤིག་ཡིན་པས།དེ་ལ་ངོས6དང་གྲུ12ཡོད།རྩེ་ཚེག8བཅས་ལས་གྲུབ་པ་ཡིན།
དཔེ་རིས་གཤམ་གསལ་ལྟར་ཡིན།
ངོས
གྲུ
རྩེ་ཚེག
རྩིས་དཔེ་དང་པོ།གྲུ་བཞི་ནར་གཟུགས་ཀྱི་དངོས་པོ་ལ་ལྟ་ཞིབ་བྱས་ན་ཁྱེད་ཚོའི་ཅི་ཞིག་ཤེས་ཐུབ།
གྲུ་བཞི་ནར་གཟུགས་ལ་ངོས་དྲུག་ཡོད།ཁ་གཏད་ཀྱི་ངོས་ཆེ་ཆུང་འདྲ་མཚུངས་ཡིན་པ།
ཚོ་ཆུང་གི་སློབ་གྲོགས་ཚོའི་ཤེས་པ་རྣམས་རེའུ་མིག་ནང་འབྲི་དགོས།
(༡)གྲུ་བཞི་ནར་གཟུགས་ལ་ངོས( 6 ) ཡོད།
(༢)ངོས་སོ་སོའི་གཟུགས་དབྱིབས་གང་འདྲ་ཡིན།
ལནགྲུ་བཞི་ནར་དབྱིབས་ཡིན།
长方体与正方体 来自淘豆网m.daumloan.com转载请标明出处.